ཞོན་རྟ་སྤངས་བླང་།

ཞོན་རྟའི་སྤུ་མདོག་གི་ཁྱད་པར་དེ། བླ། སྲོག གྲོགས། དགྲ། དབང་སོགས་ལ་ངོས་བཟུང་ནས་བཟང་ངན་གྱི་ལེགས་ཉེས་བཤད་པ་ལ། འོག་གི་ལོ་རྟགས་འདེམས་སའི་ནང་ནས་རང་གི་ལོ་རྟགས་འདེམས་ཏེ། འཚོལ་བྱ་འདེམས་སའི་ནང་ནས། བླ་རྟ། སྲོག་རྟ། དབང་རྟ། གྲོགས་རྟ། དགྲ་རྟ། གང་རུང་འདེམས་ན། ཞོན་རྟ་དེ་ཁྱེད་ཀྱིས་སྤངས་བླང་བྱས་ན་བཟང་ངན་གྱི་ཁྱད་པར་འོག་ཏུ་རང་ཤུགས་ཀྱིས་འཆར། དེང་སྐབས་ཀྱི་ལྕགས་རྟ་དང་། འཕྲུལ་རྟ། རླངས་འཁོར་སོགས་ཀྱང་རྩིས་གཞུང་འདི་དང་སྦྱར་རུང་བར་འདོད།

ནང་འཛུད་ཨང་རྟགས། Embedded Code

གལ་ཏེ་ཁྱེད་ཀྱི་དྲ་ཚིགས་སུ་ཞོན་རྟ་སྤངས་བླང་གི་རེའུ་མིག་འདི་འཇོག་འདོད་ན། html གྱི་ནང་འཛུད་ཨང་རྟགས་གཤམ་དུ་ཡོད་པ་འདི་ཡིན།

<iframe width=”380″ height=”500″ frameborder=”0″ scrolling=”no” src=”https://onedrive.live.com/embed?resid=35D90D69C9A689C7%21347&authkey=%21AL3ZbajkCUUtwoQ&em=2&wdAllowInteractivity=False&AllowTyping=True&ActiveCell=’%E0%BD%9E%E0%BD%BC%E0%BD%93%E0%BC%8B%E0%BD%A2%E0%BE%9F%E0%BD%A0%E0%BD%B2%E0%BC%8B%E0%BD%A6%E0%BE%A4%E0%BD%84%E0%BD%A6%E0%BC%8B%E0%BD%96%E0%BE%B3%E0%BD%84%E0%BC%8B%E0%BC%8D’!C3&wdHideGridlines=True&wdHideHeaders=True&wdInConfigurator=True”></iframe>

འདི་ནི་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་སྐྱེ་སྲིད་སྨན་རྩིས་སྟག་བླ་ནོར་བུས་མཛད་པའི་རྩིས་ཕྲན་ཉེར་མཁོ་ཟ་མ་ཏོག་ལས་དྲངས་བ་ཡིན།

དེ་ཡང་རྟ་མཆོག་འདེམ་པ་ནི། །
བླ་རྟ་སྲོག་རྟ་དབང་རྟ་དང་། །
གྲོགས་རྟ་དགྲ་རྟ་བརྩི་བ་ནི། །
སྲོག་ཁམས་སྲོག་རྟ་མ་ཁམས་བླ། །
བུ་ཁམས་དབང་རྟ་གྲོགས་ཁམས་གྲོགས། །
དགྲ་ཁམས་དགྲ་རྟ་ཉིན་དུ་ཤེས། །

ཞེས་པའི་དོན་རྣམས་རྩིས་འཁོར་དུ་བཅུག་ཏེ་སུ་ཀྱང་ལག་ལེན་བྱེད་ཆོག་པར་བཟོས་པ་དགེའོ།