ཀླུ་ཐེབས་ལ་ལྟ་བ།

ཀླུ་ཐེབས་ཡོད་པའི་ཉིན་མོར་། ཀླུ་བསང་། ཀླུ་གཏོར། ཀླུ་རྟེན། ཀླུ་འདུལ་གྱི་གནོད་པ་དཀྲོལ་བའི་ཆོ་ག་བསྒྲུབ་ན། ཀླུའི་གནོད་པ་ཞི་ཞིང་ལོངས་སྤྱོད་འཕེལ། ཀླུ་བཟློག་ཡོད་པའི་ཉིན་ལ་ཀླུའི་ཆོ་ག་བྱས་ན་ཀླུས་གནོད་པ་འབྱུང་བ་ཡིན། ཀླུ་མཆོད་བྱེད་ན་བདུན་གཅིག་གི་སྔོན་ལ་དམར་ཟས་དང་། སྒོག་རིགས། ཆང་། གླ་རྩི། གླ་རྩི་ཅན་གྱི་སྨན་སོགས་སྦངས་ན་ཀླུ་རྒྱས། ཀླུ་མཆོད་པའི་ཉིན་མོར། རང་ལུས་བཀྲུས་ཏེ་གོས་དཀར་གྱོན། དཀར་ཟས་ཀྱི་བསང་ཕུལ་ན་ཀླུ་དགའ་བས་ཀླུའི་གནོད་པ་མེད་པར་རང་ལ་ནོར་ལོངས་སྤྱོད་རྒྱས། ཀླུ་ཐེབས་ལ་ལུགས་མི་མཐུན་པ་ཡོད་པ་ཤེས་བར་བྱའོ།